མཛའ་གཞས་མཚོ་དང་ངང་བའི་ཟློས་གར།
ས་གཙང་མ་དག་པའི་གནས་མཆོག་རེད།
མཚོ་གཙང་མ་དངུལ་དཀར་མེ་ལོང་རེད།
གནས་ཡུལ་ཕྱོགས་གང་གི་བླ་མཚོ་ཡིན།
བདེ་ཨེ་ཡོད་བསམ་དོན་འགྲུབ་རྒྱུ་པོ།
བདེ་ཨེ་ཡོད་བསམ་དོན་འགྲུབ་རྒྱུ་པོ།
སྒྲོ་ཡག་པ་རྨ་བྱའི་འགྲན་ཡ་རེད།
སྐད་སྙན་མོ་དྲི་ཟའི་རོལ་མོ་རེད།
ཕྱོགས་རྒྱལ་ཁམས་གང་གི་ལྷ་བྱ་ཡིན།
དཀའ་ཨེ་ཐལ་སྐུ་ཚེ་རིང་རྒྱུ་པོ།
དཀའ་ཨེ་ཐལ་སྐུ་ཚེ་རིང་རྒྱུ་པོ།
ལུས་གཤོག་དྲུག་བརྐྱངས་ནས་སོང་སོང་ངས།
ངག་མགྲིན་པ་བསྟད་ནས་བོས་བོས་ཡས།
བཙལ་བཙལ་གི་མཚོ་ཆུང་རྙེད་སོང་ཟིག
ད་ལན་གསུམ་བསྐོར་ནས་འབབ་འདོད་ཀི།
ད་ལན་གསུམ་བསྐོར་ནས་འབབ་འདོད་ཀི།
མཚོ་ཡག་པ་ཡར་འབྲོག་གཡུ་མཚོ་ཡིན།
མཐའ་ཡག་པ་མེ་ཏོག་སེར་ཆེན་རེད།
བྱ་མ་བབ་བྱོན་ན་ཨེ་མི་དགའ།
བབས་བཏང་ནས་འཕུར་འདོད་མེད་ན་ཐང་།
བབས་བཏང་ནས་འཕུར་འདོད་མེད་ན་ཐང་།
མཚོ་རིག་ནས་བསྡད་ན་ཡིད་དགའ་འི།
ད་འཕུར་ནས་སོང་ན་ཞེ་ཐོགས་ཀི།
བྱ་མ་འབབ་ཟེར་སྲོལ་ཁྱོའ་ཡོད་རུང་།
ད་མི་འབབ་རང་དབང་ངའ་མེད་ཀི།
ད་མི་འབབ་རང་དབང་ངའ་མེད་ཀི།
སྐད་རྣ་ལ་སྙན་པས་མི་ཚད་ཀི།
ཚིག་བདེན་པ་ཡིན་ནི་ཤེས་ཐུབ་ཀི།
ལུས་ཡིད་དུ་འོང་བས་མི་ཚད་ཀི།
སེམས་འབབ་འདོད་ཡོད་ནི་རྟོགས་ཐུབ་ཀི།
སེམས་འབབ་འདོད་ཡོད་ནི་རྟོགས་ཐུབ་ཀི།
མཚོ་ལྗང་ལོ་བདེ་གི་བདེ་རོགས་ལ།
བྱ་ངང་ཆུང་མི་འབྲལ་སྨོན་ལམ་འདེབས།
བྱ་ངང་ཆུང་སྐྱིད་ཀི་སྐྱིད་རོགས་ལ།
མཚོ་ལྗང་ལོ་མི་འགྱུར་བཀྲ་ཤིས་ཤོག
མཚོ་ལྗང་ལོ་མི་འགྱུར་བཀྲ་ཤིས་ཤོག