མཛེས་པའི་རིག་འཛིན་དབང་མོ།

ཕར་ལ་མིག་གཅིག་བལྟས་པས།
མཛེས་པའི་རིག་འཛིན་དབང་མོས།
ཚུར་ལ་སྤྱན་གཅིག་གཟིགས་བྱུང་།
སྤྱནམིག་འཁྲིག་ཁའི་འོག་ནས།
ང་དང་རིག་འཛིན་དབང་མོའི།
ལས་འགྲོའི་མདུད་པ་ཐེབས་སོང་།
སེམས་པ་དཀར་བ་གཅིག་ལ།
མཛེས་པའི་རིག་འཛིན་དབང་མོའི།
མཉམ་དུ་འགྲོ་རྒྱུ་བྱུང་ན།
ལྷམ་ལ་རྡོག་པ་མེད་ཀྱང་།
རིག་འཛིན་ང་གཉིས་མཉམ་དུ།
སིམ་སིམ་སིམ་ལ་ཆས་འགྲོ།
ཁྱེད་ཀྱི་ཐུགས་ལ་གང་ཡོད།
མཛེས་པའི་རིག་འཛིན་དབང་མོས།
ང་ལ་ཞལ་སངས་གནང་དང་།
ང་ནི་བླ་མ་དཀོན་མཆོག
མཛེས་པའི་རིག་འཛིན་དབང་མོ།
ཁྱེད་རང་བསམས་ནས་བསྡད་ཡོད།