མཛེས་པའི་མ་སུ་རི།
རྒྱ་གར་བྱང་དུཡོད་པའི།
མཛེས་པའི་ཧི་མ་ལ་ཡ།
རི་བོའི་དབུས་སུ་ཆགས་པའི།
མ་སུ་རི་ཞེས་ཡོད།
བོད་གཞུང་སློབ་གྲྭ་དང་པོ།
མ་སུ་རི་ལ་བཙུགས་གནང་སོང་།
ཕྱི་ལོ་རེ་གཉིས་ལོ་ལ།
༧གོང་ས་མཆོག་གིས་དབུ་འཛུགས་གནང་།
མཛེས་པའི་ལྷ་ཡུལ་འདྲ་བའི།
མ་སུ་རི་ཡི་མཛེས་སྡུག
གཡུ་ཡི་སྐྱེད་གཤོངས་ནང་ལ།
སྐྱིད་པའི་ཧེཔིཝེལི།
དེ་ཡི་དབུས་སུ་གནས་པའི།
གཟི་བརྗིད་ལྡན་པའི་བོད་ཀྱི་སློབ་གྲྭ།
དེ་ཡི་ཕ་དང་མ་ནི།
༧གོང་ས་མཆོག་གིས་གནང་ངོ་།
རྒན་དང་ལས་བྱེད་རྣམས་ནས།
སེམས་ཤུགས་དེ་ལས་ཆེ་བ།
གུས་ཞབས་ལྡན་པའི་སློབ་ཕྲུག
༧གོང་ས་མཆོག་གི་བཀའ་སྒྲུབ།
བོད་ཀྱི་སོན་རྩ་ངོ་མ་ཡིན།