མཛེས་མ།

རྨི་ལམ་ཙམ་ཡང་མེད་པར།
སྙིང་གྲོགས་ཁྱོད་དང་ཐུག་སོང་།
ང་ཡི་ཡིད་འོངས་ཁྱེད་ཀྱི་ཡིད་འཕྲོག་མཚེས་མའི་ཞལ་རས།
དཀར་གསལ་ཟླ་བ་འདྲ་བྱུང་།
འི་ཧོ།
ཁྱོད་ཀྱི་ཞལ་རས་དཀར་གསལ་ཟླ་བ་འདྲ་བྱུང་།
བུ་མོ་ང་ཡི་ཡིད་འཕྲོགས་ལྷ་མོ།
འོ་ཁྱོད་ཀྱི་ཡིད་འོངས་ཞལ་རས།
དཀར་གསལ་ཟླ་བ་འདྲ་བྱུང་ང་ཡི་མཛེས་ལྡན།
བུ་ངའི་ཡིད་དབང་བུ་མོ་ཁྱེད་ཀྱི་འཕྲོགས་སོང་།
རྨི་ལམ་ཙམ་ཡང་མེད་པའི་ང་ཡི་མཛེས་ལྡན།
བུ་ངའི་ཡིད་དབང་བུ་མོ་ཁྱེད་ཀྱི་འཕྲོགས་སོང་།
ཐོག་མར་ཁྱེད་རང་འཕྲན་དུས།
ཚོར་བ་སྣ་ཚོགས་སྐྱེས་བྱུང་།
འཛུམ་མདངས་སྟོན་པ་ཙམ་གྱིས།
སེམས་པ་ཁྱོད་ལ་ཤོར་སོང་།
གསུང་སྙན་ཁུ་བྱུག་འདྲ་བོ།
འོ་ཧོ།
ཁྱེད་ཀྱི་སྐུ་གཟུགས་ལྷ་ལས་སོང་།
བརྩེ་དུང་རིན་ཐང་མེད་པས།
སྙིང་ལ་རྨ་ཁ་བཟོས་སོང་།