ཡུལ་ཤུལ་ང་ཡི་སེམས་པ།
སྤུན་ཟླ་ཚོ།
ཡུལ་ཤུལ་གྱི་མི་མང་།
རང་བྱུང་གི་གནོད་པས་གོད་ཆག་བཏང་རུང་།
འཆི་གསོན་གྱི་མཚམས་ནས་སྡུག་བསྔལ་ལྕི་ཡང་།
མགོ་བོ་དེ་ཡང་བསྐྱར་དགྱེ་ཤོག་སྙིང་སྟོབས་ཤིག་སྔར་ལས་བསྐྱེད་ཅིག
འདི་ནས་ངེད་ཅག་གི་རྩ་བའི་བླ་མས།
ཐུགས་སྨོན་དང་སྐྱབས་འཇུག་ཁྱེད་ཚོར་གནང་ཡོད།
ཨ
སྤུན་ཟླ་ཚོ།
ཡུལ་ཤུལ་གྱི་མི་མང་།
འཆི་བདག་གི་འབོད་པ་མདུན་དུ་སླེབས་རང་།
མནར་གཅོད་ཀྱི་མདའ་གྲི་སྙིང་ལ་ཟུག་ཀྱང་།
མགོ་བོ་དེ་ཡང་བསྐྱར་དགྱེ་ཤོག
སྙིང་སྟོབས་ཤིག་སྔར་ལས་བསྐྱེད་ཅིག
འདི་ནས་རང་རིགས་ཀྱི་སྤུན་ཟླ་ཡོངས་ཀྱིས།
སྐྱོ་གདུང་གི་འབོད་པ་རླུང་ལ་བསྐུར་ཡོད།
ཨ