གཡུ་སྦྲང་སེམས་པ་མ་སྐྱོ།

སེམས་པ་ཕར་ལ་ཤོར་ནས།
མཚན་མོའི་གཉིད་ཐེབས་གཅོག་གིས།
ཉིན་མོ་ལག་ཏུ་མ་ལོན།
ཡིད་ཐང་ཆད་རོགས་ཡིན་པ།
མེ་ཏོག་རྣམ་ཟླ་ཡལ་སོང་།
གཡུ་སྦྲང་སེམས་པ་མ་སྐྱོ།
བྱམས་པ་ལས་འཕྲོ་ཟད་པས།
ད་ནི་སྐྱོ་རྒྱུ་མི་འདུག
ངང་པ་མཚོ་ལ་ཆགས་ནས།
རེ་ཞིག་སྟད་དགོས་བསམ་པ་ཀྱང་།
མཚོ་མོ་དར་ཁ་བསྒྲིགས་ནས།
རང་སེམས་ཁོ་ཐག་ཆོད་སོང་།
རང་སེམས་ཁོ་ཐག་ཆོད་སོང་།
པོ་ཏྰ་ལ་རུ་བཞུགས་དུས།
རིག་འརྫིན་ཚངས་དབྱངས་རྒྱ་མཚོ།
ལྷ་ས་ཞོལ་དུ་སྟོད་དུས།
འཆེལ་པོ་དང་བཟང་དབང་པོ།
བྱ་དེ་ཁྲུང་ཁྲུང་དཀར་མོ།
ང་ལ་གཤོག་རྩལ་གཡར་དང་།
ཐར་རིང་བསྐྱངས་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
ཐར་རིང་བསྐྱངས་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།