ཡིད་ལ་འཁོར་བྱུང་།
ཤོར་ཕྱོགས་རི་བོའི་རྩེ་ནས།
དཀར་གསལ་ཟླ་བ་ཤར་བྱང་།
མ་སྐྱེས་ཨ་མའི་ཞལ་རས།
ཡིད་ལ་འཁོར་འཁོར་བྱས་བྱུང་།
ཡིད་ལ་འཁོར་འཁོར་བྱས་བྱུང་།
ན་ནིང་བཏབ་པའི་ལྗང་གཞོན།
ད་ལོ་སོགས་མའི་ཕོན་ལྕོག
ཕོ་གཞོན་རྒས་པའི་ལུས་པོ།
ལྷོ་གཞུ་དེ་ལས་གྱོང་བ།
ལྷོ་གཞུ་དེ་ལས་གྱོང་བ།
རང་སེམས་སོང་བའི་མི་དེ།
གཏན་གྱི་མདུན་མར་བྱུང་།
རྒྱ་མཚོའི་གཏིང་ནས་ནོར་བུ།
ལོན་པ་དེ་དང་མཉམ་བྱུང་།
ལོན་པ་དེ་དང་མཉམ་བྱུང་།
ནོར་བུ་རང་ལ་ཡོད་དུས།
ནོར་བུའི་ནོར་ཉམས་མ་ཆོད།
ནོར་བུ་མི་ལ་ཤོར་དུས།
སྙིང་ལུང་སྟོད་ལ་ཚངས་བྱུང་།
སྙིང་ལུང་སྟོད་ལ་ཚངས་བྱུང་།
ཚེས་ཆེན་བཅོ་ལྔའི་ཟླ་བ།
ཡིན་པ་འདྲ་བ་འདུག་སྟེ།
ཟླ་བའི་དཀྱིལ་གྱི་རི་བོང་།
ཚེ་ཟད་ཚར་ནི་འདུག་གོ
ཚེ་ཟད་ཚར་ནི་འདུག་གོ
ཟླ་བ་འདི་ནས་ཕར་འགྲོ
རྟིང་མའི་ཟླ་བ་ཚུར་ཡོང་།
བཀྲ་ཤིས་ཟླ་བ་དཀར་པོ།
ཟླ་སྟོད་ཕྱོགས་ལ་མཇལ་ཡོང་།
ཟླ་སྟོད་ཕྱོགས་ལ་མཇལ་ཡོང་།