ཡིད་བཞིན་ནོར་བུ།
ཡིད་དགའ་བའི་མེ་ཏོག
ངའི་སེམས་ཀྱི་སྲོག་རྩ།
ངའི་གཅེས་པའི་ཕ་མ།
ཁོང་ཡིད་བཞིན་ནོར་བུ།
ཁ་སྐོམ་སྐབས་བདུད་རྩི།
སེམས་སྐྱོ་སྐབས་སེམས་གསོ།
ངའི་མི་ཚེའི་སྙིང་པོ།
ཁོང་བསྟན་འཛིན་རྒྱ་མཚོ།
ཁོང་མཇལ་བས་བོད་མིའི་སྡུག་བསྔལ་དྲན།
དྲིན་བསམ་བཞིན་བསམ་བཞིན་དད་པ་སྐྱེས།
ཁོང་མེད་ན་མི་ཚོའི་སྙིང་པོ་བརླགས།
སེམས་སྐྱོ་བཞིན་སྐྱོ་བཞིན་དད་པ་སྐྱེས།
རི་ཐོན་པོའི་རྫ་ཆུ།
གནམ་གོང་གི་འཇའ་ཚོན།
སྟོང་ཉིད་ཀྱི་བདག་པོ།
ཁོང་ཡིད་བཞིན་ནོར་བུ།
བློས་འཁེལ་བའི་གྲོགས་པོ།
ཡུས་བཤད་སའི་ཕ་མ།
ངའི་རྩ་བའི་བླ་མ།
ཁོང་བསྟན་འཛིན་རྒྱ་མཚོ།
ཁོང་མཇལ་བས་བོད་མིའི་སྡུག་བསྔལ་དྲན།
དྲིན་བསམ་བཞིན་བསམ་བཞིན་དད་པ་སྐྱེས།
ཁོང་མེད་ན་མི་ཚེའི་སྙིང་པོ་བརླགས།
སེམས་སྐྱོ་བཞིན་སྐྱོ་བཞིན་དད་པ་སྐྱེས།