ཡིད་འཕྲོག་གི་གྲོགས་མོ་ལགས།
ཡིད་འཕྲོག་གི་གྲོགས་མོ་ལགས།
ད་ལམ་འདིར་འཁྱུགས་ཙམ་མཇལ་དུས།
སྔར་གྱི་གནས་ཚུལ་དྲན་ནས།
མིག་ལ་མིག་ཆུ་འཁྱིལ་སོང་།
བསམས་དང་ཁྱེད་རང་བསམས་བྱུང་།
ང་གཉིས་ཀྱི་ཕན་ཚུན་དགའ་པོ།
ཁྱེད་ཀྱི་ཡབ་ཀྱི་བཙན་བཀའ།
ང་གཉིས་བྲལ་དགོས་བྱུང་སོང་།
མཆོག་གསུམ་སྨོན་ལམ་བརྒྱབས་ནས།
ཚེ་འདིར་མཇལ་རྒྱུ་མེད་ཀྱང་།
ཕྱི་མ་མཇལ་འཛོམས་ཡོང་བའི།
རིན་ཆེན་སྨོན་ལམ་བརྒྱབ་ཆོག
ང་གཉིས་ཀྱི་སྔོན་གྱི་དམ་བཅའ།
ད་ལྟ་ཡི་གནས་སྟངས་འདི་འདྲ།
དམ་བཅའ་འདི་གཡུགས་ནས་ཕེབས་པས།
སེམས་པ་འདི་སྐྱོ་ནས་ལུས་བྱུང་།
ཡིན་ཀྱང་ངས་ཀྱི་ཁྱེད་ལ།
བརྩེ་བ་དེ་གྲངས་མེད་ཡོད།
ཕན་ཚུན་གཉིས་ལས་ལ་མི་མཐུན།
ཚེ་འདི་ལ་བྲལ་དགོས་ཐུགས་སོང་།