དབང་མེད་བརྩེ་དུང་།

མེ་ཏོག་ལྡུམ་རྭའི་ནང་ལ།
པདྨ་ཞལ་ཁ་ཕྱེ་ཤག
བརྩེ་ལྡན་ཁྱེད་ཀྱི་ཞལ་རས།
ཡིད་ལ་ལྷང་ལྷང་དྲན་བྱུང་།
མཚན་མོའི་ནམ་མཁའི་སྟེང་ལ།
དཀར་གསལ་ཟླ་བ་ཤར་སོང་།
ཁྱེད་རང་དྲན་པའི་སྐྱོ་གླུ།
དབང་མེད་དལ་བར་ཐལ་སོང་།
ལྷད་མེད་བརྩེ་སེམས་ཁྱེད་ལ་བཅངས་ཀྱང་།
ཁྱེད་ཀྱི་ཡིད་ལ་མ་ཚོར།
འཇིག་རྟེན་འདི་ཡི་འཚོ་བ་འདི་ནི།
བུ་ངས་སྐྱེལ་ཐབས་བྲལ།
གལ་ཏེ་ནམ་ཞིག་བྲལ་དགོས་བྱུང་ཡང་།
ཁྱེད་སེམས་སྐྱོ་བ་མ་གནང་།
ལས་དང་སྐལ་བ་ཡོད་ན།
ཁྱེད་དང་ནམ་ཞིག་མཉམ་དུ་འཕྲད།