ཁྲུང་ཁྲུང་དཀར་མོ།
བུ་ང་ལྷ་བསངས་ཤིག་གཏོང་བར་འགྲོ་དུས།
ནམ་མཁའ་ནས་བྱ་ཁྲུང་ཁྲུང་དཀར་མོ་ཞིག་འཕུར་བ་མཐོང་དུས།
བུ་ང་སེམས་པ་དགའ་ཡང་དགའ།
བསོད་ནམས་མེད་པའི་བུ་ང་།
ཕ་ཡུལ་མཇལ་བའི་སྐལ་བ་མེད་ཀྱང་།
སེམས་ནང་གི་སྨོན་ལམ་ཚིག་གསུམ་ཡོད།
ཁྱེད་རྣམས་ཀྱིས་ཕ་ཡུལ་ཕྱོགས་ལ་བསྣམ་རོགས།
བྱ་དེ་ཁྲུང་ཁྲུང་དཀར་མོ་ཞིག་ཡིན་ན་དགའ་ལ།
ཕ་ཡུལ་ཕྱོགས་ལ་ལན་གཅིག་འཕུར་རྒྱུ་བྱུང་ན་བསམ།
བུ་ངས་ཁོང་རྣམས་ལ་བཀའ་འདྲི་ཞུས་པས།
བྱ་དེ་ཚོ་ཕ་ཡུལ་ཕྱོགས་ནས་ཕེབས་ཤེས་དུས།
བུ་ངུ་སེམས་པ་སྐྱིད་ཡང་སྐྱིད།
ཕ་ཡུལ་དྲན་པའི་བུ་ང་།
ཕ་ཡུལ་དྲན་བཞིན་མཆི་མས་གཡས་གཡོན་བསྐོར།
བུ་ཆུང་ཕ་ཡུལ་མ་མཐོང་ཡང་།
བུ་ངའི་སེམས་ནི་ཕ་ཡུལ་ཕྱོགས་ལ་ཡོད།