ཚོར་བ།
དབྱར་གསུམ་རྒྱ་མཚོའི་རྦ་རླབས།
དགུན་གསུམ་འགྱགས་པས་བསྡམས་ཀྱང་།
མ་བཅོས་སེམས་ཀྱི་ཚོར་བ།
འགོག་མེད་གནམ་ལ་ཕྱུར་སོང་།
ཆུ་དང་ཉ་མོ་ནམ་ཡང་བྲལ་ཐབས་མེད་པའི་ཚོར་བ།
མང་གཙོ་འོ་མའི་རྒྱ་མཚོ།
རང་དབང་ངང་མོའི་གཤོག་རླབས།
འདྲ་མཉམ་འཕུར་ལྡིང་བྱ་ས།
སེམས་ཀྱི་ཚོར་རླབས་ཕྱུར་སོང་།
སེམས་དང་ལུས་གཉིས་ནམ་ཡང་བྲལ་ཐབས་མེད་པའི་ཚོར་བ།
ཆོས་དང་རིག་གཞུང་གཙང་མ།
རང་དབང་འཛིན་སྐྱོང་ཆོག་ན།
སྡུག་དང་དཀའ་ལས་ཁག་ཀྱང་།
སེམས་ལ་འགྱོད་པ་མི་འདིག
ཤ་དང་རུས་གཉིས་ནམ་ཡང་བྲལ་ཐབས་མེད་པའི་ཚོར་བ།
ངའི་སེམས་ཁམས་ནས་ནམ་ཡང་ཡལ་ཐབས་མེད་པའི་ཚོར་བ།