འཚོ་བ་ཡར་རྒྱས།
ཡ་གིའི་སྤང་སྟོད་ཕྱོགས་ལ།
ཡ་འོ་ན།
གསུང་ལ་སྒྲོལ་དཀར་ལགས།
འཇའ་ཡི་གུར་ཁང་ཕུབ་ཤག
ཚེ་རིང་ལ་མཚོ་མོ།
པདྨའི་པད་སྡོང་བཀྲ་ལ་ཤིས་སོང་།
འཚོ་བ་ཡར་རྒྱས་ལགས།
ཡར་རྒྱས་གོང་འཕེལ་ལགས།
འཇའ་ཡི་གུར་ཁང་ནང་ལ།
ཡ་འོ་ན།
གསུང་ལ་སྒྲོལ་དཀར་ལགས།
ཡིད་བཞིན་ནོར་བུ་བཞུགས་ཤག
ཚེ་རིང་ལ་མཚོ་མོ།
པདྨའི་པད་སྡོང་བཀྲ་ལ་ཤིས་སོང་།
འཚོ་བ་ཡར་རྒྱས་ལགས།
ཡར་རྒྱས་གོང་འཕེལ་ལགས།
ཡིད་བཞིན་ནོར་བུ་ཕེབས་ནས།
ཡ་འོ་ན།
གསུང་ལ་སྒྲོལ་དཀར་ལགས།
མཇལ་མཁན་ཁ་བ་བབ་བབ།
ཚེ་རིང་ལ་མཚོ་མོ།
པདྨའི་པད་སྡོང་བཀྲ་ལ་ཤིས་སོང་།
འཚོ་བ་ཡར་རྒྱས་ལགས།
ཡར་རྒྱས་གོང་འཕེལ་ལགས།
གངས་དཀར་བུ་ཡུག་འཚུབ་འཚུབ།
ཡ་འོ་ན།
གསུང་ལ་སྒྲོལ་དཀར་ལགས།
རང་ཡུལ་ཕྱོགས་ལ་ལོག་འགྲོ།
ཚེ་རིང་ལ་མཚོ་མོ།
པདྨའི་པད་སྡོང་བཀྲ་ལ་ཤིས་སོང་།
འཚོ་བ་ཡར་རྒྱས་ལགས།
ཡར་རྒྱས་གོང་འཕེལ་ལགས།