མཚོ་སྔོན་པོ།
ཨེ་མ།
མཚོ་སྔོན་པོ།
མཚོ་སྔོན་པོ།
མཚོ་སྔོན་པོ།
མཚོ་སྔོན་པོ།
ཨ་མཚོ་སྔོན་པོ།
མི་རིགས་ཀྱི་ལ་རྒྱ།
མེས་རྒྱལ་གྱི་གཟི་བརྗིད།
རླབས་སྔོན་པོ་དེ་ནས་འཕྱུར་དུས།
བྱ་ངང་པའི་སེམས་པ་དགའ་སོང་།
མཚོ་སྔོན་པོ།
མཚོ་སྔོན་པོ།
འགྲམ་དར་ཆགས་དུས།
བྱ་ངང་པའི་སེམས་པ་སྐྱོ་སོང་།
མཚོ་སྔོན་པོ།
ཨེ་མ།
ཁྱེད་ནི་ལོ་རྒྱུས་ཀྱི་དཔང་པོ་དང་།
མཚོ་སྔོན་པོ།
མི་རིགས་ཀྱི་རེ་བ་རེད།
ཁྱེད་ནི་བདེ་སྐྱིད་ཀྱི་བདེན་པ་དང་།
མ་འོངས་པའི་འཚོ་བ་རེད།
མཚོ་སྔོན་པོ།
མེས་རྒྱལ་གྱི་བདེ་སྐྱིད།
མི་རིགས་ཀྱི་མགོན་སྐྱབས།
མཚོ་སྔོན་པོ།
འཁྱག་པས་བསྡམས་དུས།
ཉ་གསེར་མིག་མཚོ་ལ་ཐིམས་སོང་།
མཚོ་སྔོན་པོ།
མཚོ་སྔོན་པོ་འགྲམ་དར་ལྷུང་དུས།
ལུག་གཡང་དཀར་སེམས་པ་དགའ་སོང་།
ཨེ་མ། ཁྱེད་ནི་ད་ལྟའི་ལོ་རྒྱུས་དང་།
མཚོ་སྔོན་པོ།
མ་འོང་པའི་རེ་བ་རེད།
ཁྱེད་ནི་འཇིག་རྟེན་འདིའི་བདག་པོ་དང་།
མེས་རྒྱལ་གྱི་ལ་རྒྱ་རེད།
མཚོ་སྔོན་པོ།
མཚོ་སྔོན་པོ།