བརྩེ་བའི་ཕ་ཡུལ།

གངས་དཀར་རི་བོའི་འདབས་མ་རྒྱན་སའི་ཡུལ།
ཆུ་བོ་རྨ་འབྲི་རྫ་གསུམ་འབབ་སའི་ཡུལ།
ནགས་རི་ཤུག་རི་རཛ་རི་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་ཡིན།
ནགས་རི་ཤུག་རི་རཛ་རི་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་ཡིན།
རྩྭ་ལ་རྩི་ཐོག་མེ་ཏོག་འཁྲུངས་སའི་ཡུལ།
སྦྲ་ནག་གྲི་བཞི་འགྲོ་ས་འཚོ་སའི་ཡུལ།
རྟ་ནོར་ལུག་གསུམ་འཕེལ་ཁ་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་ཡིན།
རྟ་ནོར་ལུག་གསུམ་འཕེལ་ཁ་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་ཡིན།
བྱ་དང་བྱེའུ་བརྩེད་འཇོར་རོལ་སའི་ཡུལ།
བུ་དང་བུ་མོ་བརྩེ་གླུ་ལེན་སའི་ཡུལ།
དགའ་དང་སྤྲོལ་བའི་ཞབ་བྲོ་འཁྲབ་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་ཡིན།
དགའ་དང་སྤྲོལ་བའི་ཞབ་བྲོ་འཁྲབ་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་ཡིན།