སྟོང་རི་ལྷ་མཚོ།
གནས་འདི་ན་རི་ཚོགས་ཀྱི་དཔུང་རྡང་སྦྲེལ།
ཆུ་དང་མཚོ་མོའི་སེམས་པ་འདྲེས།
གནས་འདི་ན་དགེ་བཅུ་མཚན་མའི་ལང་ཚོ་རྒྱས།
རྩི་ཏོག་འབྲས་བུས་ས་ལ་དགའ་སྟོན་བཤམས།
ཨོ་་་་་་ཨོ་་་་་་
འདི་ནི་རང་བྱུང་ལྷུན་གྱིས་གྲུབ་པའི་སྟོང་རི་ལྷ་མཚོ་རེད།
སྟོང་རི་ལྷ་མཚོ་རེད།
སྟོང་རི་ལྷ་མཚོ་རེད།
གནས་འདི་ན་རང་བྱོན་གྱི་མཆོད་རྟེན་བཞུགས།
འགངས་ཆེན་གནས་རིའི་སྒྲུབ་ཕུག་མང་།
གནས་འདི་ནས་བསྟན་པའི་མེ་རོ་སླར་ཡང་གསོས།
ངོ་མཚར་མཁས་ཆེན་མང་པོ་རིམ་པར་འཁྲུངས།
ཨོ་་་་་་ཨོ་་་་་་
འདི་ནི་འཛམ་གླིང་ཀུན་ལ་གྲགས་པའི་སྟོང་རི་ལྷ་མཚོ་རེད།
སྟོང་རི་ལྷ་མཚོ་རེད།
སྟོང་རི་ལྷ་མཚོ་རེད།
གནས་མཆོག་འདིའི་མཛེས་སྡུག་གི་ཟུར་ངོས་རེ།
འབྲུ་བཅུད་ཉིང་ཁུའི་བསུང་ཞིམ་རེ།
ཉི་ཟླ་ལྟར་གསལ་བའི་གངས་རིའི་དབུ་རྩེ་ནས།
སྔ་མོ་ཞིག་ནས་འཛམ་བུའི་གླིང་ལ་ཆས།
ཨོ་་་་་་ཨོ་་་་་་
འདི་ནི་སྨོན་འདུན་སྟོང་གིས་འབོད་པའི་ སྟོང་རི་ལྷ་མཚོ་རེད།
སྟོང་རི་ལྷ་མཚོ་རེད།
སྟོང་རི་ལྷ་མཚོ་རེད།
ཨོ་་་་་་