དུང་ཞེན་ཀྱི་སྣང་བ།

རླུང་བུ་བསིལ་བསིལ་ལྡང་ནས།
ནམ་ཟླ་སྟོན་ལ་སླེབས་བྱུང་།
སྐྲ་ལོ་རླུང་གིས་བསྐྱོད་པའི།
ཡིད་འོང་བུ་ཆུང་འཛུམ་བྱུང་།
སེམས་པ་སེམས་པ་ལ་ཤོར་པས།
སྣང་བ་གཅིག་ལ་འདྲེས་སོང་།
བརྩེ་བའི་ལག་རྡང་མ་ལྷད།
དུང་བའི་སྙིང་གཏམ་མ་ཉུང་།
བརྩེ་བ་བརྩེ་བ་ཟེར་བ།
འཇིག་རྟེན་སྣང་བ་ཡིན་ཀྱང་།
དགའ་བ་དགའ་བ་དགའ་བ་ཟེར་བ།
སེམས་ཀྱི་ལོངས་སྤྱོད་ཡིན་སོང་།
བརྩེ་བ་བརྩེ་བ་ཟེར་བ།
འཇིག་རྟེན་སྣང་བ་ཡིན་ཀྱང་།
དགའ་བ་དགའ་བ་དགའ་བ་ཟེར་བ།
སེམས་ཀྱི་ལོངས་སྤྱོད་ཡིན་སོང་།
བུ་ཆུང་ཚུར་ལ་འཁོར་དང་།
ཞེ་སེམས་ནང་ལ་འཁོར་དང་།
བུ་མོའི་སེམས་པ་རྡོ་ཡིན།
རྡོ་ལ་འགྱུར་བ་མེད་འགྲོ།
འགྲོ་ཁའི་ལག་བརྡ་མི་དགོས།
སེམས་ཀྱི་ན་ཟུག་ཡིན་འགྲོ།
མི་འགྱུར་མནའ་ཚིག་མི་དགོས།
སེམས་ལ་དམ་བཅའ་བཞག་ཆིག
མི་ལུས་རིན་ཆེན་གསེར་རེད།
བརྩེ་བ་ལྷད་མེད་དུང་ཡིན།
མི་ཚེ་གཅིག་གི་གཏན་གྲོགས།
ཡིད་སེམས་སྐྱིད་པའི་གཞི་རེད།
མི་ལུས་རིན་ཆེན་གསེར་རེད།
བརྩེ་བ་ལྷད་མེད་དུང་ཡིན།
མི་ཚེ་གཅིག་གི་གཏན་གྲོགས།
ཡིད་སེམས་སྐྱིད་པའི་གཞི་རེད།