གངས་རིའི་བུ་མོ།

གངས་དཀར་ཀྱི་རི་བོ་ཡོད་སར།
གངས་ལྷ་མོ་ཏོག་འཁྲུངས།
མཛེས་པའི་རྩ་ཐང་ཐོག་ན།
རྟ་ནོར་ལུག་གི་གང་ཡོང་།
མཛེས་བའི་སྐལ་བཟང་མེ་ཏོག
སྦྲང་བུ་གཞོན་ནུའི་ཁྱིམ།
རྟ་མཆོག་རྒོད་པོའི་རྨིག་བཞིས།
རྒྱ་མཚོའི་རྦ་རླབས་གཏོར།
མཛེས་སྡུག་གི་ཕ་ས་འདི་ནི།
འཛམ་གླིང་ཡང་རྩེ་ཡིན།
གླུ་སྒྲ་ཡི་འགྱུར་ཁུག་ནང་ནས།
ལྷད་མེད་ཀྱི་བརྩེ་སེམས་ཡོད།
གླག་རྒོད་ཀྱི་གཤོག་རྩེར།
ཉི་མའི་འོད་ཟེར་འཕྲོས་སོང་།
གླུ་སྐད་སྙན་མོ་རེ་རེ།
ཁྱོད་ཀྱི་ཕྱོགས་སུ་ལེན།
གངས་རིའི་བུ་མོ།
གངས་རིའི་བུ་མོ།
གངས་རིའི་བུ་མོ།
རྫོགས་ལྡན་གནས་འདིར།
བཀྲ་ཤིས་ཤར་ཡོང་།
ཁྱོད་ནི་ཨ་མའི་སྨོན་འདུན།
ཨ་ཕའི་གཅེས་ཕྲུག
ཁྱོད་ནི་གངས་ལྗོངས་ཀྱི་བདག་པོ་ཡིན།
གངས་རིའི་བླ་སྲོག་ཡིན།
མཛེས་སྡུག་གི་ཕ་ས་འདི་ནི།
འཛམ་གླིང་ཡང་རྩེ་ཡིན།
གླུ་སྒྲ་ཡི་འགྱུར་ཁུག་ནང་ནས།
ལྷད་མེད་ཀྱི་བརྩེ་སེམས་ཡོད།
གླག་རྒོད་ཀྱི་གཤོག་རྩེར།
ཉི་མའི་འོད་ཟེར་འཕྲོས་སོང་།
གླུ་སྐད་སྙན་མོ་རེ་རེ།
ཁྱོད་ཀྱི་ཕྱོགས་སུ་ལེན།
གངས་རིའི་བུ་མོ།
གངས་རིའི་བུ་མོ།
གངས་རིའི་བུ་མོ།
རྫོགས་ལྡན་གནས་འདིར།
བཀྲ་ཤིས་ཤར་ཡོང་།
ཁྱོད་ནི་ཨ་མའི་སྨོན་འདུན།
ཨ་ཕའི་གཅེས་ཕྲུག
ཁྱོད་ནི་གངས་ལྗོངས་ཀྱི་བདག་པོ་ཡིན།
གངས་རིའི་བླ་སྲོག་ཡིན།
གངས་རིའི་བུ་མོ།
གངས་རིའི་བུ་མོ།
གངས་རིའི་བུ་མོ།
རྫོགས་ལྡན་གནས་འདིར།
བཀྲ་ཤིས་ཤར་ཡོང་།
ཁྱོད་ནི་ཨ་མའི་སྨོན་འདུན།
ཨ་ཕའི་གཅེས་ཕྲུག
ཁྱོད་ནི་གངས་ལྗོངས་ཀྱི་བདག་པོ་ཡིན།
གངས་རིའི་བླ་སྲོག་ཡིན།