རྩ་བའི་བླ་མ་ཡིན།

རྒྱལ་བ་ཁྱེད་ནི་ཆོལ་གསུམ་བོད་རིགས་སྤུན་ཟླའི།
འདི་ཕྱི་གཉིས་ཀྱི་རྩ་བའི་བླ་མ་ཡིན།
རྒྱལ་བ་ཁྱེད་ནི་ཐུགས་ཀྱི་བྱམས་དང་བརྩེ་བའི།
རིགས་དྲུག་ཡོངས་ལ་དབྱེ་མེད་ཕྱེ་ནས།
འཛམ་གླིང་ཡངས་རྩེའི་སྟེང་གི།
གངས་ལྗོངས་ཆོས་ལྡན་རྒྱལ་ཁབ།
ཆོལ་གསུམ་བོད་མི་རྣམས་ཀྱི།
འདི་ཕྱི་གཉིས་ཀྱི་སྐྱབས་གནས།
རྩ་བའི་བླ་མ་ཁྱེད་ཡིན།
ཁྱེད་ཀྱི་མཚན་བཟང་ནམ་མཁའི་དགུང་གི།
ཉི་ཟླ་བཞིན་དུ་འཛམ་གླིང་་ཀུན་ལ་གྲགས་སོང་།
གཞིས་བྱེས་བོད་མི་ཡོངས་ཀྱི་ཞི་བའི་དབུ་འཁྲིད།
ཞི་བདེའི་དེད་དཔོན་༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
ལུགས་གཉིས་ཆབ་སྲིད་གཞུང་།
འདི་ནི་གཞན་ན་མ་ཐོབ་རྩོད་གླེང་།
གཞིས་བྱེས་བོད་མི་ཡོངས་ཀྱི།
ཞི་བའི་དབུ་འཁྲིད་ཆེན་པོ།
ནང་པ་ཡོངས་ཀྱི་མགོན་སྐྱབས།
འཛམ་གླིང་་ཞི་བདེའི་དེད་དཔོན།
༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
༧རྒྱལ་བ་ཁྱེད་ནི་ཆོལ་གསུམ་བོད་རིགས་སྤུན་ཟླའི།
འདི་ཕྱི་གཉིས་ཀྱི་རྩ་བའི་བླ་མ་ཡིན།