བརྩེ་སེམས།
ང་ཡི་སེམས་ནང་ཁྱེད་རང་གཅིག་པུ་ཡིན།
ཉིན་མཚན་མེད་པ་སེམས་པ་ཁྱེད་ལ་བཏང་།
ཉིན་མཚན་མེད་པ་སེམས་པ་ཁྱེད་ལ་ཤོར།
ཁྱེད་ཀྱི་ཞལ་རས་ནི་དཀར་གསལ་ཟླ་བ་འདྲ།
ཡུལ་ཁམས་ཀུན་ཏུ་ཁྱབ་ནས།
ང་ཡི་སེམས་པ་ཡོངས་སུ་ཤོར།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།
བུ་ཆུང་ང་རང་ཡོད།
མཉམ་བཟའ་མཉམ་འཐུང་མཉམ་གཤིབས་བྱས་ནས།
མི་ཚེ་མཉམ་དུ་སྐྱེལ།
ཚུར་ལ་གསན་དང་ང་ཡི་སྙིང་སྡུག་ལགས།
ང་ཡི་སེམས་ནང་ཁྱེད་རང་གཅིག་པུ་ཡིན།
གང་དུ་ཕྱིན་ཀྱང་བསམ་རྒྱུ་ཁྱེད་ལས་མེད།
གང་དུ་ཕྱིན་རུང་མཇལ་བའི་སྨོན་ལམ་སྨིན།
ང་ཡི་སྙིང་སྡུག་ལགས་ཁྱེད་ཀྱི་ལན་གཅིག་གསན་དང་།
སྙིང་སྡུག་ཁྱེད་ཀྱིས་ང་ལ་སེམས་ཤུགས་ཧ་ཅང་མང་པོ་གནང་།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།
ང་ལ་ཡིད་ཆེས་གནང་དང་།
ནམ་ཞིག་བདེ་སྐྱིད་འཚོ་བ།
ང་གཉིས་མཉམ་དུ་སྐྱེལ་ཆོག
ཚུར་ལ་གསན་དང་ང་ཡི་སྙིང་སྡུག་ལགས།