ཚེ་རིང་པོ།

ཚེ་རིང་པོ་ཡར་ཤོག
གནས་ཁང་ཐེམ་པ་ཡན་ཆད་དཀར་མོ།
འབྲུ་ཡི་བཀང་ཡོད།
རྟ་བཟང་གཡུ་འབྲུག་སྔོན་པོ།
ཤོག་ཤོག་ཨེ་མ་ལན་ཅིག་སོང་ལགས།
ཚེ་རིང་པོ་ཡར་ཤོག
མཆོད་ཆང་བཙུགས་ནས་མ་ཞོག
རྒྱལ་བའི་ཡོན་ཆབ་མ་རེད།
རྟ་བཟང་གཡུ་འབྲུག་སྔོན་པོ།
ཤོག་ཤོག་ཨེ་མ་ལན་ཅིག་སོང་ལགས།
ཚེ་རིང་པོ་ཡར་ཤོག
བདག་གི་བཞུས་པའི་མཆོད་ཆང་།
མི་གནང་གསུང་རྒྱུ་མི་འདུག
རྟ་བཟང་གཡུ་འབྲུག་སྔོན་པོ།
ཤོག་ཤོག་ཨེ་མ་ལན་ཅིག་སོང་ལགས།
ཚེ་རིང་པོ་ཡར་ཤོག
ནམ་ཞག་རྒྱུན་གྱི་མཆོད་ཆང་།
སྤང་བྱ་གནང་རོགས་གནང་དང་།
རྟ་བཟང་གཡུ་འབྲུག་སྔོན་པོ།
ཤོག་ཤོག་ཨེ་མ་ལན་ཅིག་སོང་ལགས།