ཚེ་རིང་ལ་སོ།

ཤར་གྱི་སྤང་གི་སྟེང་ལ།
ཚེ་རིང་ལ་སོ།
ཨ་ཇོའི་ཞབས་ཅག་ལུས་བཞག
ཚེ་རིང་ལ་སོ།
ཞབས་ཅག་ལུས་ཀྱང་དྲགས་གཱ།
ཚེ་རིང་ལ་སོ།
སང་ཞོགས་ཁྲོམ་ནས་ཉོས་ཆོག
ཚེ་རིང་ལ་སོ།
དབྱར་ཁ་འོལ་ཀའི་དཀྱིལ་ལ།
ཚེ་རིང་ལ་སོ།
ཨ་ཅེའི་གཡང་རྟེན་ལུས་བཞག
ཚེ་རིང་ལ་སོ།
གཡང་རྟེན་ལུས་ཀྱང་དྲགས་གཱ།
ཚེ་རིང་ལ་སོ།
སང་ཞོགས་ལེན་ན་ཆོག་ག
ཚེ་རིང་ལ་སོ།
དབྱར་ཁ་འོལ་ཀའི་དཀྱིལ་ལ།
ཚེ་རིང་ལ་སོ།
སླེ་པོ་གྲུ་བཞིའི་ནང་དུ།
ཚེ་རིང་ལ་སོ།
ཨ་ཅེའི་བུ་ཆུང་ལུས་བཞག
ཚེ་རིང་ལ་སོ།
བུ་ཆུང་ལུས་ཀྱང་དྲགས་གཱ།
ཚེ་རིང་ལ་སོ།
བྱམས་དང་སྙིང་རྗེས་བསྐྱང་ཆོག
ཚེ་རིང་ལ་སོ།