འཚེ་མེད་ཞི་བའི་ལམ།

ང་མཚོ་འགྲོ་བའི་ལམ་དེ།
ཁྲག་དང་ང་རྒྱལ་མ་ཡིན།
འཚེ་མེད་ཞི་བའི་ལམ་དེ།
ང་ཚ་འགྲོ་བའི་ལམ་ཡིན།
ང་ཚོས་ལྡིར་སའི་འབེན་དེ།
རང་བཙན་ཁོ་ན་མ་ཡིན།
བོད་ལྗོངས་ཞི་བདེའི་ལྡུམ་ར།
ཆགས་པའི་རེ་བ་དེ་ཡིན།
ང་མཚོ་འགྲོ་བའི་ལམ་དེ།
ཁྲག་དང་ང་རྒྱལ་མ་ཡིན།
འཚེ་མེད་ཞི་བའི་ལམ་དེ།
ང་ཚ་འགྲོ་བའི་ལམ་ཡིན།
ང་ཚོའི་སེམས་ཀྱི་སྨོན་ལམ།
རང་དོན་དེ་ཙམ་ཡིན།
འཛམ་གླིང་ཁམས་ཀྱི་ཞི་བདེ།
ང་ཚོའི་སྨོན་ལམ་ཆེན་མོ།
ང་ཚོའི་སེམས་ཀྱི་ལྟ་བ།
དད་པ་ཁོ་ན་མ་ཡིན།
རྟེན་ཅིང་འབྲེལ་བ་བྱུང་བ།
སྟོང་ཉིད་རྟོགས་པའི་ལྟ་བ།
ང་ཚོའི་སེམས་ཀྱི་སྨོན་ལམ།
རང་དོན་དེ་ཙམ་ཡིན།
འཛམ་གླིང་ཁམས་ཀྱི་ཞི་བདེ།
ང་ཚོའི་སྨོན་ལམ་ཆེན་མོ།