བརྩེ་ཆེན་ཕྱག་ན་པདྨོ།
བརྩེ་ཆེན་ཕྱག་ན་པདྨོའི།
བཀའ་དགོངས་ཇི་བཞིན་སྒྲུབས་དང་།
བོད་ལྗོངས་བདེ་སྐྱིད་ཀྱི་ཉི་མ།
སླར་ཡང་ཤར་བ་ཡོད་དོ།
ད་ཆ་འཛམ་གླིང་མཁས་མང་སྤྱི་ནས།
ཞི་བདེའི་རྟགས་མ་ཕུལ་བར།
ཚང་མས་སྤྱི་མོས་ཞུ་གི།
དགྲ་བོས་ངུ་སྐད་བརྒྱབ་ཀྱིས།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོས།
ཞི་བདེའི་རྟགས་མ་བཞེས་པར།
ང་ཚོ་བོད་འབངས་ཡོངས་ནས།
བཀྲ་ཤིས་སྨོན་འདུན་ཞུ་ལགས།
རྟགས་མའི་ཕྱག་དངུལ་ཚང་མ།
བཀྲེས་སྐོམ་གདུང་བ་སེལ་ཕྱིར།
ཞི་བདེའི་རྩ་བ་བཙུགས་ནས།
སྡུག་བསྔལ་ཐམས་ཅད་བསལ་སོང་།