བརྩེ་སེམས།
ཉི་མ་ལ་ཁ་ལ་ཐད་སོང་།
རླུང་བུ་གྲང་ཞིང་གྲང་།
ཆར་པ་སིབ་སིབ་བབས།
ད་དུང་ཁྱེད་རང་བསྒུགས་ནས་བསྡད་ཡོད།
བུ་ངི་སེམས་ཀྱི་ནང་ལ་ཡིད་ཆེས་ཡོད།
ཁྱེད་རང་ལན་གཅིག་ང་ཡི་འགྲམ་དུ་ཡོང་བའི།
ཁྱེད་རང་ལན་གཅིག་མཇལ་ཡོང་བསམ་ནས།
བུ་ངས་གནམ་གྱི་མཐའ་ལ་ཕྱིན།
ཁྱེད་ཀྱི་གསུང་སྐད་ཐོས་ན་བསམས་ནས།
བུ་ང་རི་བོའི་རྩེ་ལ་ཕྱིན།
ཁྱེད་དང་མཉམ་དུ་གཤིབས་རྒྱུ་བྱུང་ན་བསམས་ནས།
བུ་ངས་ཐབས་ཤེས་གང་ཐུབ་བྱས།
བུ་ངས་ཁྱེད་རང་མཐོང་བ་ནས་བཟུང་།
ལྷད་མེད་ཀྱི་བརྩེ་སེམས་བཅངས།
ཁྱེད་རང་མཇལ་རྒྱུ་མེད་ཀྱང་།
ད་དུང་ཁྱེད་རང་ལ་དགའ་ནས་སྡོད་ཡོད།
བུ་ངས་བརྩེ་སེམས་མཚོན་པའི་གླུ་ཞིག་ལེན།
མི་ཚེ་གཅིག་གི་བརྩེ་སེམས་རྒྱན་ལ་བཙུགས།