བརྩེ་གདུང་ནོར་བུ་རེད།
རྒྱུ་འབྱོར་བ་སེར་ཆེན་མེ་ཏོག་རེད།
ལེན་བསམ་ན་སྤང་ལྗོངས་སྟེང་ལ་ཡོད།
ལྷོ་འཛམ་གླིང་སྤང་ཆུང་ལྡུམ་ར་ཡིན།
ལག་བདེ་མོ་ཡོད་ན་སུས་ཁྱེར་རེད།
སེམས་ཀྱི་བརྩེ་བ་རྫོགས་རྒྱུ་ཡོད་རེད་མ་བསམ།
བརྩེ་བ་རྫོགས་རྒྱུ་མེད།
སེམས་ཀྱི་བརྩེ་བ་ཉོ་རྒྱུ་ཡོད་རེད་མ་བསམ།
བརྩེ་བ་ཉོ་རྒྱུ་མེད།
གྲོགས་ཕོ་མོ་གསེར་དངུལ་རེན་ཆེན་རེད།
ཉོ་བསམ་ན་ཁྲོམ་ཆེན་དཀྱིལ་ལ་ཡོད།
ལྷོ་འཛམ་གླིང་ཁྲོམ་ར་ཆེན་མོ་ཡིན།
ཐོབ་འབྱོར་བ་ཡོད་ན་སུས་ཉོ་རེད།
སེམས་བརྩེ་གདུང་འདོད་འབྱུང་ནོར་བུ་རེད།
དགོས་བསམ་ན་མཚོ་མོའི་སྟེང་ན་ཡོད།
མཚོ་སྔོན་མོ་ནོར་བུའི་བང་མཛོད་ཡིན།
ལེན་བསམ་ཡང་ཐོབ་རྒྱུ་ཤིན་ཏུ་ཁག