གཙང་ཆུ་སྔོན་མོ།

ཤར་ནས་ནུབ་ཏུ་རྒྱུགས་པའི།
ཕ་ཡུལ་གཙང་ཆུ་སྔོན་མོ།
གཙང་ཆུའི་ངོགས་ཀྱི་ལྕང་གསར།
ལྕང་གསར་མདའ་ལས་འདྲོང་བ།
ཡངས་པའི་ཞིང་ལ་དྲངས་དུས།
སྙེ་མའི་རྦ་རླབས་འཕྱུར་ཞག
ཤར་ནས་ནུབ་ཏུ་རྒྱུགས་པའི།
ཕ་ཡུལ་གཙང་ཆུ་སྔོན་མོ།
གཙང་ཆུ་འཐུང་བའི་མི་རྣམས།
རིག་པ་གཞན་ལས་དྭངས་པ།
བཟང་བའི་ཆུ་ལ་བསྟེན་དུས།
ཕྱུགས་རིགས་ཤ་ཤེད་རྒྱས་སོང་།
ཕ་ཡུལ་ལ།
གཙང་ཆུ་སྔོན་མོ་ཆར་ཆུའི་མཐོན་པོ་གངས་རི་ཕུ་ཡི་ཕ་ཡུལ་ཕྱུག་འགྱུར་བྱས་འདུག
རྒྱུན་མཐུད་བྱས་ནས་རྒྱུགས་ཤོག
རྒྱུགས་ཤོག