འཁྲུངས་སྐར་དུས་དྲན།

ཤར་ཕྱོགས་ཙོང་ཁའི་ཡུལ་གྱི།
ཨ་མེས་སྐྱེས་རིའི་འདབ་རོལ།
སྟག་འཚེར་ལྷ་ཡི་ཡུལ་ནས།
༧རྒྱལ་བའི་མཆོག་སྤྲུལ་འཁྲུངས་བྱུང་།
ལྕགས་པོ་འབྲུག་གི་ལོ་ལ།
གསེར་ཁྲི་མངའ་གསོལ་ཞུས་ཡོད།
གངས་ཅན་བདེ་སྐྱིད་ཉི་མ།
སླར་ཡང་དེ་ནས་ཤར་བྱུང་།
༧སྐྱབས་མགོན་ཡིད་བཞིན་ནོར་བུའི།
སྐུཚེ་གང་གི་མཛད་པ།
བོད་འབངས་སེམས་ཅན་དོན་ཡིན།
བསམ་བཞིན་བཀའ་དྲིན་དྲན་དགོས།
རྒྱུན་དུ་བཀའ་དྲིན་དྲན་ནས།
བཀའ་བཞིན་སྒྲུབ་ལ་བརྩོན་དགོས།
དགའ་སྤྲོ་འཕེལ་བའི་ངང་ནས།
དུས་དྲན་ཡག་པོ་གནང་རོགས།
༧རྒྱལ་བའི་སྐུ་ཚེ་བརྟན་ཤོག
མཛད་པ་འཕྲིན་ལས་འཕེལ་ཤོག
སང་ཕོད་གཞིས་བྱེས་འཛོམས་ནས།
འཁྲུངས་སྐར་བོད་ལ་གཏོང་ཆོག
དེ་རིང་བཏང་བའི་འཁྲུངས་སྐར།
བསྐལ་བརྒྱར་གཏོང་རྒྱུ་ཡོང་ཤོག
དེ་རིང་ཐོབ་པའི་དགའ་སྐྱིད།
མི་ནུབ་རྟག་ཏུ་བརྟན་ཤོག