འཁྲུངས་སྐར་དགའ་སྟོན།
བདག་ཅག་བསྐལ་པ་བཟང་བ།
བོད་མི་བསོད་ནམས་ཆེ་བ།
གཟི་བརྗིད་ལྡན་པའི་དབུ་འཁྲིད།
གངས་ཅན་ལྗོངས་སུ་འཁྲུངས་སོང་།
ཆོས་ལྡན་བོད་ཀྱི་དབུ་འཁྲིད།
མཛད་འཕྲིན་དར་ཞིང་རྒྱས་པ།
སྙིང་རྗེའི་རང་གཟུགས་ལྡན་པ།
འཛམ་གླིང་འདི་རུ་འཁྲུངས་སོང་།
འཛམ་གླིང་འདི་རུ་འཁྲུངས་སོང་།
ཤྰཀྱའི་དགེ་སློང་ཆེན་པོ།
འཛམ་གླིང་འདི་ན་ཕེབས་ཡོད།
སྐུ་ཡི་འཁྲུངས་སྐར་ཉིན་ལ།
འཛམ་གླིང་འོད་ཀྱི་ཁྱབ་སོང་།
༧གོང་ས་ཡིད་བཞིན་ནོར་བུ།
འཛམ་གླིང་འདི་རུ་འཁྲུངས་སོང་།