སྤྲིན་དཀར་ཆུང་།
ཡར་གནམ་ལ་བལྟས་པས།
སྤྲིན་དཀར་ཆུང་མང་པོ།
ཤར་ཕྱོགས་སུ་འགྲོ་གིས།
རང་ཡུལ་ལ་ལོག་ཟེར།
འདིར་མི་ཡུལ་ལུས་འཁན།
གཅིག་གཉིས་ཙམ་རེད་འདུག
འགྲོ་འདོད་དེ་ལོས་ཡོད།
ངའི་སེམས་ཀྱིས་མི་བཟོད།
ངའི་མདང་གི་རྨི་ལམ།
ཕོ་གསར་ཞིག་མཇལ་བྱུང་།
མཚན་ལ་ནི་རང་དབང་།
ཐུགས་དཀྱིལ་ལ་སྡུག་བསྔལ།
ལུས་ཁྲག་གིས་གཡོག་ཤག
སྤྱན་མཆི་མས་ཁེངས་སོང་།
སྙིང་གཏམ་འདི་གསུངས་བྱུང་།
སྙིང་གཏམ་འདི་གསུངས་བྱུང་།
ངའི་དམིགས་ཡུལ་བཙོངས་སོང་།
སྲོག་བཅད་འདོད་བརླགས་སོང་།
ངའི་སེམས་པ་གས་སོང་།
དྲན་པ་དེ་སྨྱོས་སོང་།
ངའི་མདང་གི་རྨི་ལམ།
ཕོ་གསར་གཅིག་མཇལ་བྱུང་།
མཚན་ལ་ནི་རང་དབང་།
ཐུགས་དཀྱིལ་ལ་སྡུག་བསྔལ།