སྟོང་པ་གསུམ།

ང་རེའི་ཨ་ཇོ་རྒན་པ་འབྱོར་བསྐྱལ་སྟོང་པ་གསུམ་རེད།
ཀླད་པ་སྟོང་པ།
འབའ་ཁུག་སྟོང་པ།
གྲོད་པ་སྟོང་པ།
སྟོང་པ་སྟོང་རྐྱང་རེད།
དེ་འདྲའི་ཐབས་སྐྱོ་བ་ལ།
ཨ་ཇོ་འབྱོར་བསྐྱལ་ཁྱོད་རང་།
དེ་འདྲའི་ཐབས་སྐྱོ་བ་ལ།
འཛིན་གྲྭ་ལྔ་པ་དྲུག་པའི་ནང་ལ།
ལོ་གཉིས་ལོ་གསུམ་བསྡད།
དེ་ནས་ཁུངས་མ་འཁྱོལ་གྲྭ་ས་ལ་འཛུལ།
དེ་ཡང་ཁུངས་མ་འཁྱོལ་ལ།
དམག་མི་ལ་འཛུལ་ཞབས་འདྲེན་བཞག
དེ་འདྲའི་ངོ་ཚ་ལ།
ཨ་ཇོ་སྟོང་པ་ལགས།
ཨ་ཇོ་སྟོང་པ་ཁྱོད་རང་དེ་འདྲའི་ཐབས་སྐྱོ་བ་ལ།
ཨ་ཇོ་སྟོང་པ་ལགས།
ཨ་ཇོ་སྟོང་རྐྱང་རེད།
ཀླད་པ་སྟོང་པ།
འབའ་ཁུག་སྟོང་པ།
གྲོད་པ་སྟོང་པ།
སྟོང་པ་སྟོང་རྐྱང་རེད།