ཐགས་འཐག་པའི་གླུ།
བུ་མོས་ཐགས་བཟང་མི་འདྲེན་ཐགས་བཟང་འདྲེན།
ཐགས་ཁྲི་ཨ་སྔོན་གནམ་ལ་འཇོག
ཐགས་རྒྱུད་ཉི་མ་སེར་པོའི་གསེར་སྐུད་འདྲེན།
ཐགས་སྤུན་ཟླ་བ་དཀར་པོའི་དངུལ་སྐུད་འདྲེན་ནོ།
རྒྱུད་སྤུན་འཇའ་ཚོན་སྣ་ལྔ་རུ་ཤར་ཡོང་།
ཐགས་རིན་ཡག་པོ།
བུ་མོའི་ལག་ནས་འགྲུབ་ཡོང་།
བུ་མོས་ཐགས་བཟང་།
མི་འདྲེན་ཐགས་བཟང་འདྲེན།
ཐགས་ཁྲི་ཨ་སྔོན་གནམ་ལ་འཇོག
ཉིན་མོ་མ་དང་སྲུ་མོས་འཐག་རོགས་གནང་ན།
མཚན་མོ་ལྷ་མོ་ཀླུ་མོས་འཐག་རོགས་གནང་ཡོང་།
ཐགས་འཐག་རྟ་ཕོའི་བང་ཁ་ལས་མགྱོགས་པ།
ཐགས་རིན་ཡག་པོ།
བུ་མོའི་ལག་ནས་འགྲུབ་ཡོང་།