མཚན་ཚོགས།

ཨ་ཙི་བོུ་བུ་ཆུང་ང་ལ།
སྤྱིན་གཅིག་གཟིགས་དང་།
ལན་གཅིག་མཉམ་དུ་འཁྲབ་དང་།
ཨ་ཙི་བོུ་བུ་ཆུང་ང་ལ།
ཁྲོས་པ་མ་གནང་།
ལན་གཅིག་གཟིགས་པ་གནང་དང་།
ཨ་ཙི་བོུ་བུ་ཆུང་ང་ལ།
ཡིད་ཆེས་གནང་དང་།
དེ་འདྲའི་མཛེས་མདོག་མ་གནང་།
བོུ་ཁྱེད་རང་  མཛེས་སྡུག་ལྡན་པའི་  མེ་ཏོག་པདྨ་  ཡིད་དུ་འོང་བའི་ལྷ་མོ།
གནམ་ལ་རྡོ་གཅིག་བཞུས་པས་  སྟར་ཁ་ཉི་ཤུ།
བཅུ་དགུ་ལྷ་ལ་ཕུལ་པས་  ང་ལ་གཅིག
དེ་རིང་མཚན་ཚོགས་ནང་གི་  བོུ་ཉི་ཤུ།
བཅུ་དགུ་མི་ཡིས་འཁྲིད་སོང་  ང་ལ་གཅིག
གནམ་ལ་རྡོ་གཅིག་བཞུས་  སྟར་ཁ་ཉི་ཤུ་འབབ།
བཅུ་དགུ་ལྷ་ལ་ཕུལ་  བུ་ཆུང་ང་ལ་གཅིག
དེ་རིང་མཚན་ཚོགས་ནང་  བོུ་ཉི་ཤུ་འདུག
བཅུ་དགུ་མི་ཡིས་འཁྲིད་  བུ་ཆུང་ང་ལ་གཅིག
སྐུ་ཅི་ང་དང་བསྡད་ཟེར་ན་མཛེས་ལྡན་བོུ་ལགས།
བསྡད་བསྡད་བསྡད་བཞུས་པས་བུ་ཆུང་ང་དང་བསྡད།
བུ་ཆུང་ང་དང་འཁྲབ་ཟེར་ན་དེ་རིང་མཚན་ཚོགས་ལ།
འཁྲབ་འཁྲབ་འཁྲབ་དེ་རིང་བུ་ཆུང་ང་དང་འཁྲབ།
སྐུབ་གཡུག་སྐུབ་གཡུག  སྐྱེད་པ་གཡུག
སྐྱེད་པ་གཡུག་སྐྱེད་པ་གཡུག  ལག་པ་གཡུག
བུ་ཆུང་ང་དང་འཁྲབ་ཟེར་ན་དེ་རིང་མཚན་ཚོགས།
འཁྲབ་འཁྲབ་འཁྲབ་དེ་རིང་བུ་ཆུང་ང་དང་འཁྲབ།