བསྟན་འཛིན་རིག་འཛིན།

མཛེས་པའི་བསྟན་འཛིན་རིག་འཛིན།
མ་གཟིགས་མདོག་མདོག་མ་གནང་།
ཐུགས་ལ་མགུ་བའི་རྣམ་པ།
སྤྱན་གྱི་གསུང་ནས་གཟིགས་བྱུང་།
ན་ནིང་རྟ་ཕོས་དབྱུགས་ནས།
རྐང་ཆག་ལག་ཆག་མ་བྱུང་།
ད་ལོ་ཁྱོད་ཀྱི་དབྱུགས་ནས།
སྙིང་གི་རུས་པ་གས་སོང་།
བརྩེ་བའི་བསྟན་འཛིན་རིག་འཛིན།
མ་མཁྱེན་མདོག་མདོག་མ་གནང་།
གང་བསམ་སེམས་ཀྱི་སྙིང་གཏམ།
གླུ་ཡི་གདངས་སུ་བླངས་ཡོད།
མཛེས་པའི་བསྟན་འཛིན་རིག་འཛིན།
མ་མཁྱེན་མདོག་མདོག་མ་གནང་།
བྲིས་པའི་ཡེ་གེ་ནག་ཆུང་།
ཆུ་དང་ཆར་པའི་བངས་སོང་།
མ་བྲིས་སེམས་ཀྱི་རི་མོ།
བསུབ་ཀྱང་ཟུབ་རྒྱུ་མི་འདིག