ལྟ་བ་མཐོ་བའི་བུ་མོ།

བུ་ཆུང་ངའི་དགའ་བའི་བུ་མོ་དེས།
བུ་ཆུང་ངའི་སེམས་ནང་ཕོག་ཐུག་བཏང་བྱུང་།
ལོ་གཅིག་ལོ་གཉིས་གོང་ལ།
ཁོང་གིས་གསུངས་མྱོང་ཡོད།
ལས་ལ་དཀའ་སྡུག་འཕྲད་ཀྱང་།
མི་ཚེ་བསྐྱལ་ཆོག་གསུངས་ཀྱིས།
རྒྱུ་དང་དབང་གིས་བསླུས་ནས།
ཁོང་སེམས་འགྱུར་ཤག
ཁྱེད་རང་ལྟ་བ་མཐོ་བའི།
འཚོ་བ་བསྐྱལ་རོགས་གནང་དང་།
བུ་ངས་ཉམ་ཆུང་ཞིག་གི།
འཚོ་བ་བསྐྱལ་ཆོག
ཡུམ་གྱིས་ང་ལ་གཟིགས་ནས།
སྤྱན་ཆབ་བསིལ་གྱིས།
བུ་མོས་ང་ལ་བལྟས་ནས།
སྙིང་གཏམ་ཤོད་ཀྱིས།
གྲོགས་པོས་རྟག་ཏུ་ང་ལ།
སེམས་གསོ་གཏོང་གིས།
སྤྱན་ཆབ་བསིལ་གྱིས།
གལ་ཏེ་འཇིག་རྟེན་འཁོར་བ།
ལས་རྒྱུ་འབྲས་ཡོད་ན།
ཁྱེད་རང་རྒྱུ་འབྲས་ཀྱི་ཞག་པ་ཐེབས་སྲིད།
ཁྱེད་རང་རྒྱུ་འབྲས་མེད་པའི་བུ་མོ་ཞིག་རེད།
རྒྱུ་འབྲས་མེད་པའི་བུ་མོ་རེད།
ཞག་པ་ཐེབས་སྲིད།