བཀྲ་ཤིས་ཡེ།

བཀྲ་ཤིས་ཡེ།
ཉི་མ་ཤར་ས་ཨ་སྔོན་ལ།
ཉི་རྩེ་རྒྱག་ས་བླ་མའི་གཟིམ་ཆུང་།
བླ་མའི་གཟིམ་ཆུང་སྤོས་གིས་བྱས།
ལྷ་དང་བླ་མའི་བསྟན་པ་ཡར་དར།
བཀྲ་ཤིས་ཡེ།
ཉི་མ་ཤར་ས་ཨ་སྔོན་ལ།
ཉི་རྩེ་རྒྱག་ས་བླ་མའི་གཟིམ་ཆུང་།
དཔོན་པོས་གཟིམ་ཆུང་ཆང་གིས་བྱས།
འབངས་དང་སྡེ་བའི་འཚོ་བ་ཡར་དར།
བཀྲ་ཤིས་ཡེ།
ཉི་མ་ཤར་ས་ཨ་སྔོན་ལ།
ཉི་རྩེ་རྒྱག་ས་བླ་མའི་གཟིམ་ཆུང་།
ཕ་མའི་གཟིམ་ཆུང་དར་གིས་བྱས།
གྲོགས་དང་ན་ཟླའི་ཚེ་ཐག་རིང་ས།
ཕ་མའི་གཟིམ་ཆུང་དར་གིས་བྱས།
གྲོགས་དང་ན་ཟླའི་ཚེ་ཐག་རིང་ས།