བཀྲ་ཤིས་ཤོག

ཡུལ་གངས་ཅན་བོད་ཀྱི་ཕ་མ་ཚོ།
ཐུགས་བྱམས་བརྩེ་འཛམ་གླིང་ཉི་མ་ཡིན།
སེམས་བསམ་པ་དུང་ཟླ་དཀར་མོ་ཡིན།
སྐུ་ཚེ་ཐག་རིང་གི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག
ཡུལ་གངས་ཅན་བོད་ཀྱི་སྟག་ཤར་ཚོ།
ལུས་དཔའ་རྩལ་རྒྱ་སྟག་ངར་མ་ཡིན།
ནང་ཤེས་རྒྱ་ནམ་མཁའི་གློག་ཞགས་ཡིན།
ཁྱོད་རླུང་རྟ་དར་གི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག
བཀྲ་ཤིས་ཤོག
ཡུལ་གངས་ཅན་བོད་ཀྱི་བུ་མོ་ཚོ།
ལུས་ལང་ཚོ་མེ་ཏོག་བཞད་འདྲ་ཡིན།
སྐད་སྙན་མོ་མགུར་མ་བཞེངས་འདྲ་ཡིན།
ཁྱོད་ལང་ཚོ་དར་གི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག
སྐད་སྙན་མོ་མགུར་མ་བཞིངས་འདྲ་ཡིན།
ཁྱོད་ལང་ཚོ་དར་གི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག
བཀྲ་ཤིས་ཤོག