བཀྲ་ཤིས་ལུང་པ།

བཀྲ་ཤིས་ལུང་པའི་ཕུ་ལ།
དགའ་བ་ལ།
གསེར་གྱི་མཆོད་རྟེན་བཞེངས་ཡོད།
སྐྱིད་པ་ལ།
གསེར་གྱི་མཆོད་རྟེན་བཞེངས་ཡོད།
དགའ་བ་ལ།
གསེར་གྱི་མཆོད་རྟེན་སྒང་ལ།
དགའ་བ་ལ།
རི་མོ་སྣ་གསུམ་བྲིས་ཡོད།
སྐྱིད་པ་ལ།
རི་མོ་སྣ་གསུམ་བྲིས་ཡོད།
དགའ་བ་ལ།
ལོ་གསུམ་ཆར་པ་བབས་ཀྱང་།
དགའ་བ་ལ།
རི་མོ་ཟུབ་ས་མ་རེད།
སྐྱིད་པ་ལ།
རི་མོ་ཟུབ་ས་མ་རེད།
དགའ་བ་ལ།
གལ་སྲིད་རི་མོ་ཟུབ་ཀྱང་།
དགའ་བ་ལ།
ཨ་དར་ཕྱག་གིས་འབྲི་ཆོག
སྐྱིད་པ་ལ།
ཨ་དར་ཕྱག་གིས་འབྲི་ཆོག
དགའ་བ་ལ།