འཁྲབ་པའི་དུས་ཚོད།

དགའ་བའི་མི་མང་འཛོམས་ས།
སྐྱིད་པའི་ཞབས་བྲོ་འཁྲབ་ས།
རྒན་གཞོན་ཕོ་མོ་ཚང་མས།
སྙན་པའི་གླུ་འདི་གསན་དང་།
ཞིམ་པའི་མཆོད་ཆང་བཞེས་ནས།
སྐྱིད་པའི་ཞབས་བྲོ་བསྐྱོན་དང་།
ཁྲབ་པའི་དུལ་ཚོད་རེད་དོ།
སྣང་བ་རྣམ་རྟོག་མེད་པར།
བློ་སྟོབས་ཆེན་པོའི་ངང་ནས།
ན་མོ་མཛེས་མ་རྣམས་ལ།
བཀའ་མོལ་གནང་ག་ཕེབས་དང་།
གོ་སྐབས་བཟང་པོ་འདི་ལ།
ཐུགས་གཡེང་འདི་འདྲ་མ་གནང་།
བུ་མོ་སྣང་བ་འགྲོ་བོ།
ཞབས་བྲོ་བཀྱོན་མཁན་གསུང་དང་།
ཁྲབ་པའི་དུལ་ཚོད་རེད་དོ།
དགའ་བའི་མི་མང་འཛོམས་ས།
སྐྱིད་པའི་ཞབས་བྲོ་འཁྲབ་ས།
སྣང་བ་སྐྱིད་པའི་ངང་ནས།
ཕྱག་ལ་འཇམ་པོས་འཇུས་དང་།
མཚན་ལ་ག་རེ་དྲིས་ནས།
ཉིན་གཅིག་ཐུག་གོ་གསུང་དང་།