བསོད་ནམས་ལགས།

དང་པོ་མ་བྲལ་རང་གིས་གསུངས་བྱུང་བུ་མོ་ལགས།
ང་རང་གཡུགས་ནས་ཕེབས་པའི་བུ་མོ།
ཁྱུག་ཙམ་གསན།
ཨོ་་་་་བསོད་ནམས་ལགས།
ངའི་མཛེས་པའི་བུ་མོ་ལགས།
དང་པོ་མ་བྲལ་རང་གིས་གསུངས་བྱུང་བུ་མོ་ལགས།
ཐག་རིང་ཡུལ་ལ་ཡོད་པའི།
ཡིད་དབང་འཕྲོག་པའི་བུ་མོ།
ཞལ་རས་པདྨ་འདྲ་བྱུང་།
ཐུགས་སེམས་གངས་ལས་དཀར་པ།
མཛེས་པའི་བུ་མོ་ཁྱེད་ལ།
སེམས་པས་རེ་བ་བསྕལ་ཡོད།
བུ་མོ་ཁྱེད་རང་དྲན་བྱུང་།
ཨོ་་་་་བསོད་ནམས་ལགས།
ཐག་རིང་ཡུལ་ལ་ཡོད་པའི།
ང་ཡི་སྙིང་སྡུག་ཁྱེད་རང་།
བུ་ཆུང་ང་ཡི་བརྩེ་བ།
ཁྱེད་ཀྱིས་མཁྱེན་པར་གནང་དང་།
སྣང་བ་གཡེངས་ནས་མ་བཞུགས།
བྱམས་པ་ང་ལ་གསན་དང་།
བུ་མོ་ཁྱེད་རང་དྲན་བྱུང་།
ཨོ་་་་་བསོད་ནམས་ལགས།