གསོལ་འདེབས་མཆོད་པའི་རོལ་མོ།

བསླུ་མེད་གཏན་གྱི་སྐྱབས་གནས།
བརྩེ་ཆེན་ཐུགས་རྗེའི་བདག་ཉིད།
བློ་བཟང་མཁྱེན་རབ་རྒྱ་མཚོ།
ང་ཡི་སྙིང་ནས་དྲན་བྱུང་།
ང་ཡི་སྙིང་ནས་དྲན་བྱུང་།
གང་སྐུ་ཟླ་བའི་མེ་ལོང་།
དྭངས་པའི་ཡིད་མཚོར་ཤར་ཚེ།
དགའ་སྤྲོའི་རླབས་ཕྲེང་གཡོ་བཞིན།
གདུང་བའི་མིག་ཆུ་འཐོར་བྱུང་།
གདུང་བའི་མིག་ཆུ་འཐོར་བྱུང་།
བདག་སོགས་གདུལ་བྱའི་མགོན་དུ།
ཞབས་པད་སྐླ་བརྒྱར་བརྟན་ཅིང་།
ཟབ་གསང་ཆོས་ཀྱི་བདུད་རྩི།
མྱུར་དུ་སྩོལ་བའི་སྨོན་འདུན།
མྱུར་དུ་སྩོལ་བའི་སྨོན་འདུན།
མྱུར་དུ་སྩོལ་བའི་སྨོན་འདུན།