གཞོན་ནུའི་སེམས་པ།
རི་བོ་ཧི་མ་ལ་ཡ།
འཛམ་བུ་གླིང་གི་རྒྱན་རེད།
གཞོན་ནུ་ང་ཚོའི་སྙིང་སྟོབས།
ཧི་མ་ལ་ཡར་ཆགས་ཡོད།
ཨོའོ།
རི་བོ་ཧི་མ་ལ་ཡ།
ཧི་མ་ལ་ཡ།
ཨོའོ།
གངས་རིའི་ལྗོངས་ཀྱི་རྒྱན་ཡིན།
ཨོའོ།
ང་གངས་ཅན་བོད་ཀྱི་གཞོན་ནུའི་སྙིང་སྟབས་དེ།
ཧི་མ་ལ་ཡ་ཆགས་ཡོད།
ཆུ་མོ་ཡར་ཀླུང་གཙང་པོ།
ཆོལ་ཁ་གསུམ་གྱི་རྒྱན་རེད།
གཞོན་ནུ་ང་ཚོའི་ཟུང་ཁྲག
ཡར་ཀླུང་གཙང་པོར་འདྲེས་ཡོད།
ཨོའོ།
ཆུ་མོ་ཡར་ཀླུང་གཙང་པོ།
ཡར་ཀླུང་གཙང་པོ།
གངས་རིའི་ལྗོངས་ཀྱི་རྒྱན་ཡིན།
ཨོའོ།
ང་གངས་ཅན་བོད་ཀྱི་གཞོན་ནུའི་ཟུང་ཁྲག་དེ།
ཡར་ཀླུང་གཙང་པོར་འདྲེས་ཡོད།
ཆོལ་གསུམ་བོད་རིགས་སྤུན་ཟླ།
གངས་རིའི་ལྗོངས་ཀྱི་རྒྱན་རེད།
གཞོན་ནུ་ང་ཚོའི་བློ་གཏད།
བོད་རིགས་སྤུན་ཟླར་བཅོལ་ཡོད།
ཨོའོ།
ཆོལ་གསུམ་བོད་རིགས་སྤུན་ཟླ།
བོད་རིགས་སྤུན་ཟླ།
གངས་རིའི་ལྗོངས་ཀྱི་རྒྱན་ཡིན།
ཨོའོ།
ང་གངས་ཅན་བོད་ཀྱི་གཞོན་ནུའི་བློ་གཏད་དེ།
བོད་རིགས་སྤུན་ཟླར་བཅོལ་ཡོད།