གཞོན་ནུའི་མཐུན་གཞས།

༄༅།།  གཞོན་ནུའི་ཉི་མོར་དགའ་བའི་རྗེས་དྲན་དུ།
རང་རིགས་གཞིན་ནུ་ཕོ་མོ་རྣམས།
དགའ་སྐྱིད་ལྡན་པའི་འཅུ་བདུན་གྱི་ཉིན་མོ་འདིར།
རང་ཡུལ་དྲན་ཞིང་༧གོང་ས་ཆེན་པོའི་བཀའ་དགོངས་སྒྲུབ།
གཞོན་ནུ་རྣམས་ནས་རང་ཡུལ་ལོན་པ་དགོས།
ཆོས་དང་རིག་གཞུང་ཡུལ་གོམས་སོགས།
མི་ཉམས་གོང་འཕེལ་བཏང་ནས་མཐུན་སྒྲིལ་ནུས་ཤུགས་དང་།
འཐབ་ཕྱོགས་གཅིག་གྱུར་ངང་ནས་རང་དབང་ལོན་པ་དགོས།
ཤ་ཁྲག་གཅིག་གི་གཞིས་ལུས་སྤུན་ཟླ་རྣམས།
བཙན་རྒྱལ་དམར་པོའི་གདུག་རྩུབ་འོག
ལུས་སྲོག་འཕང་མེད་དགྲར་རྒོལ་རྒྱལ་གཅེས་རང་དབང་ཆེད།
ཞུམ་མེད་དཔའ་བོའི་སྙིང་སྟོབས་མཛད་རྗེས་ལ་གུས་བརྩི་ཞུ།
དཀའ་ངལ་འདྲ་མིན་རྗེ་མང་འཕྲད་གྱུར་ཀྱང་།
གཞོན་ནུའི་ལྷག་བསམ་རི་ལྟར་སྲ་བརྟན་དགོས།
རྒྱལ་གཅེས་རང་བཙན་ལས་འགུལ་མདུན་ནས་མདུན་དུ་བསྐྱོད།
དམིགས་འབྲེལ་དཀའ་སྡུག་མཉམ་མྱོང་བསམ་བློ་སྔོན་སླེབས་དགོས།
ལོ་ངོ་གསུམ་འཁོར་བའི་དུས་དྲན་ལྷན་ཚོགས་འདིར།
གཟི་བརྗིད་དང་ལྡན་པའི་བཀྲ་ཤིས་བདེ་ལེགས་ཞུ།
བོད་རིགས་གཞོན་ནུའི་སྒྲིག་གཞི་གཏན་འབེབས་མཛད་པ་ལྟར།
རང་ཅག་བོད་མིའི་གཤིས་ལུགས་བཟང་པོ་མི་ཉམས་འཛིན།