ཞི་བདེའི་གླུ་དབྱངས།

༧སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་ལ།
སྙིང་ནས་དད་པའི་བསྟོད་ཚིག་གཅིག་འབུལ་རྒྱུ།
བསོད་ནམས་མེད་པའི་སྙིགས་དུས་འགྲོ་བ་ཡི།
སྐྱོ་བའི་སྡུག་བསྔལ་མྱུར་དུ་ཞི་བར་ཤོག
རང་གི་བྱམས་དང་བརྩེ་བའི་ཨ་མ་བཞིན།
གཅིག་ཕན་གཅིག་གྲོགས་ཡ་རབས་སྤྱོད་བཟང་དེ།
རང་གི་འགྲོ་བོའི་གཙུག་གིས་གུས་མཆོད་པའི།
འཛམ་གླིུང་ཡོངས་ལ་ཞི་བདེ་ཡོང་བར་ཤོག
མཐོ་བའི་མི་ལ་སྙིང་ནས་རྩི་བཀུར་དང་།
དམན་པའི་མི་ལ་ཞེ་ནས་བརྩེ་བ་ཡི།
རང་ཉིད་དམན་སར་བཟུང་བའི་ཡ་རབས་ཚུལ།
འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བར་ཤོག