ཞི་བའི་གངས་སེང་།

བོད་གངས་ཅན་ཡུལ་ལ་སེང་གེ་ཡོད།
གླིང་གཞན་ན་མེད་པའི་གངས་སེང་ཡོད།
༧གོང་ས་མཆོག་ཞི་བའི་གངས་སེང་ཡིན།
ཐུགས་བྱམས་བརྩེའི་གཡུ་ཡི་རལ་བ་ཡིན།
གསུང་བདེན་པ་སེང་གེའི་གད་རྒྱངས་ཡིན།
སྐུའི་མཛད་འཕྲིན་སེང་གེའི་དཔའ་རྩལ་ཡིན།
དེ་ཞི་བའི་གངས་སེང་འཛམ་གླིང་རྒྱན།
རྒྱན་འདི་ཡིས་འཛམ་གླིང་རྒྱལ་གྲུབ་ཤོག
བོད་གངས་ཅན་ཡུལ་ལ་དམག་དཔུང་མང།
གླིང་གཞན་ལ་མེད་པའི་ལྷ་དམག་ཡོད།
བན་སེར་མོཞི་བའི་ལྷ་དམག་ཡིན།
སྐུའི་ཆོས་གོས་ཞི་བའི་གོ་ཁྲབ་ཡིན།
ཕྱག་གླེགས་བམ་ཕན་བདེའི་མཚོན་ཆ་ཡིན།
ཆོས་འཚེ་མེད་དམག་གི་འཐབ་ཇུས་ཡིན།
འདི་ཞི་བདེའི་ལྷ་དམག་འཛམ་གླིང་རྒྱན།
རྒྱན་འདི་ཡིས་འཛམ་གླིང་རྒྱལ་གྲུབ་ཤོག