ཞི་བའི་སྐད་འབོད།
འགྲོ་བ་མི་ཡི་ཐོབ་ཐང་ལ།
རྩིས་མེད་དྲག་གནོན་བྱས།
འགྲོ་བ་མི་ཡི་ཐོབ་ཐང་ལ།
མེ་མདའི་དྲག་ཆར་ཕབས།
ལྔ་བཅུ་ང་དགུའི་ལོ་ནས།
བཙན་གནོན་བཏང་བས་མ་ཚད།
རང་དབང་རྩོད་ལེན་ཆེད།
ཞི་བའི་སྐྡ་འབོད་བྱས་པར།
ཁྲིམས་འགལ་བསད་རྡུང་བཏང་ནས།
ད་དུང་ང་ཚོར་ཁག་བཀལ།
ཞི་བའི་མི་མང་རྣམས་ཀྱི།
སྙིང་སྟོབས་རི་ལས་བརྟན་པས།
ཤི་ཡག་མ་འཛེམས་པར།
མུ་མཐུད་སྐད་འབོད་བྱས་པས།
འཛམ་གླིང་མི་མང་ཚང་མས།
གདུང་སེམས་མཉམ་སྐྱེད་གནང་།
བོད་ཀྱི་བདེན་དོན་མཐའ་དེ།
མ་གསལ་བར་དུ་ད་དུང་།
ང་ཚོ་ཞོག་ཐབས་མེད།
ས་ཡ་དྲུག་པོ་ཚང་མ།
མི་གཅིག་སེམས་པ་བཞིན་དུ།
རྡོག་རྩ་ཆིག་སྒྲིལ་ཡིན།