ཞི་བདེ་གསེར་གྱི་རྟགས་མ།

གནམ་སྔོན་པོ་ལོ་རྩེད་དགུའི་འོག
ས་དོག་མོ་པདྨ་འདབ་བརྒྱད་སྟེང་།
ལྷོ་འཛམ་གླིང་གི་མི་ཡུལ་ལ་འདིར།
སྐྱིད་ཞི་བདེ་སྐྲུན་མཁན་༧གོང་ས་མཆོག
ཞི་བདེ་གསེར་གྱི་རྟགས་མ།
ཁོང་ལ་ཕུལ་བ་བཟང་བྱུང་།
སྤྲོ་སེང་འཁོལ་བའི་ངང་ནས།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཕྱི་དམག་འཁྲུག་དུས་མཐའི་མེ་ལྟར་འབར།
ནང་འཚེ་བ་སྟོན་ཁའི་རླུང་ལྟར་འཚུབ།
བར་སྐྱེ་འགྲོ་སྡུག་བསྔལ་མཚོ་ལྟར་ཕྱུར།
གནས་འདི་ལས་སྐྱོབ་མཁན་༧གོང་ས་མཆོག
སྐུ་མཚན་དཔེས་འཛམ་གླིང་ཞི་བདེ་སྐྲུན།
གསུང་སྙན་པོས་འཚེ་མེད་ཞི་བ་སྤེལ།
ཐུགས་བྱམས་འརྩེས་འགྲོ་བ་མཐའ་དག་སྐྱོང་།
མགོན་ཞི་བདེའི་དབུ་ཁྲིད་༧གོང་ས་མཆོག