ཞིམ་པའི་མངར་ཆང་།
ཤེལ་དཀར་ཆང་ཕོ་ནང་ལ།
ཞིམ་པའི་མངར་ཆང་བླུགས་ཡོད།
བུ་མོ་ག་ལེར་མཆོད་ནས།
དགའ་བའི་འརྗུམ་ཞིག་སྟོན་དང་།
སྐྱིད་པའི་གཏམ་ཞིག་ངས་བཤད།
ཤེལ་དཀར་ཆང་ཕོ་ནང་ལ།
ཞིམ་པའི་མངར་ཆང་བླུགས་ཡོད།
མཛེས་མ་ག་ལེར་བཞེས་ནས།
སྙེན་པས་གཞས་ཤིག་ཐོངས་དང་།
མཛེས་པའི་བྲོ་ཞིག་ངས་འཁྲབ།
ཤེལ་དཀར་ཆང་ཕོ་ནང་ལ།
ཞིམ་པའི་མངར་ཆང་བླུགས་ཡོད།
སྙིང་སྡུག་ག་ལེར་བཞེས་ནས།
འརྕེ་བའི་སྤྱན་གཅིག་གཟིགས་དང་།
ཞིམ་པའི་འོ་ཞིག་ངས་བྱེད།