ཞེ་ས།
མགོ་ལ་ག་རེ་ཞུ་གི་ཡོད་རེད།
དབུ་དབུ་ཞུ་གི་ཡོད་རེད།
མིག་ལ་ག་རེ་ཞུ་གི་ཡོད་རེད།
སྤྱན་སྤྱན་ཞུ་གི་ཡོད་རེད།
བྱེད་ན་ད་རིང་ནས་བྱས་བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་།
ཞེ་ས་ཐོག་ནས་གནང་དང་།
ང་ཚོ་རྩ་ཆེའི་རིག་གཞུང་མི་ཉམ་རྒྱུན་འཛིན་གནང་དང་།
སློབ་ཕྲུག་ཚོ།
བཀའ་མོལ་ཡག་པོ་གནང་དང་།
སྣ་ཁུང་ལ་ག་རེ་ཞུ་གི་ཡོད་རེད།
ཤངས་ཤངས་ཞུ་གི་ཡོད་རེད།
ཁ་ལ་ག་རེ་ཞུ་གི་ཡོད་རེད།
ཞལ་ཞལ་ཞུ་གི་ཡོད་རེད།
བྱེད་ན་ད་རིང་ནས་བྱས་བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་།
ཞེ་ས་ཐོག་ནས་གནང་དང་།
ང་ཚོ་རྩ་ཆེའི་རིག་གཞུང་མི་ཉམ་རྒྱུན་འཛིན་གནང་དང་།
སློབ་ཕྲུག་ཚོ།
བཀའ་མོལ་ཡག་པོ་གནང་དང་།