ཤྭ་ཡུ་མོ་ཤེའུ།
ཤྭ་ཡུ་མོ་ཤེའུ།
ཨ་ཁུ་ཁུ་བྱུག་གང་ལ་འཕུར་ཐལ།
ཤྭ་ཡུ་མོ་ཤེའུ།
ཨ་ཁུ་ཁུ་བྱུག་ནགས་ལ་འཕུར་ཐལ།
ཤྭ་ཡུ་མོ་ཤེའུ།
དཔྱིད་ཀྱི་དཔལ་མོ་སྐྱེལ་ནས་འཕུར་ཐལ།
ཤྭ་ཡུ་མོ་ཤེའུ།
གསུང་སྐད་རྒྱ་རྫོང་ནགས་ནས་སྒྲོག་ཐལ།
ཤྭ་ཡུ་མོ་ཤེའུ།
གཡུ་འབྲུག་སྔོན་མོ་ངར་སྐད་སྒྲོག་ཐལ།
ཤྭ་ཡུ་མོ་ཤེའུ།
སྦྲང་ཆར་བསིལ་མའི་དངོས་གྲུབ་གནང་ཐལ།
ཤྭ་ཡུ་མོ་ཤེའུ།
བདེ་སྐྱིད་གྲོང་ནི་སྟོང་གསུམ་ཁྱབ་ཐལ།
ཤྭ་ཡུ་མོ་ཤེའུ།
མགོ་ནག་བོད་མིའི་བློ་སེམས་བདེ་ཐལ།
ཤྭ་ཡུ་མོ་ཤེའུ།